བགེགས་བསྐྲོད་བདུད་དཔུང་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ།།
༄༅། །ཀྱེ། རྟེན་འབྲེལ་ངང་ནས་བྱུང་བའི་བཟང་ངན་རྣམས།།
མི་བཟུང་བདག་གི་འཛིན་པས་ངོས་མི་བཟུང་།།
མི་སྤངས་རོ་མཉམ་སེམས་ཉིད་ངོས་མི་བཟུང༌།།
གཟུགས་ཅན་གཟུགས་མེད་བསྟན་དགྲ་མ་རིག་པ།།
དམིགས་མེད་ཆོས་ཉིད་ངང་དུ་གཤེགས་པར་གྱིས།།
བདག་ལ་གནོད་བྱ་གནོད་བྱེད་བཟུང་བའི་སེམས།།
རང་བཞིན་བདེ་བར་གཤེགས་པའི་ཕུང་ཁམས་འདི།།
མ་རིག་བདག་འཛིན་དབང་གིས་བཟུང་འཛིན་ཤར།།
གནོད་བྱ་གནོད་བྱེད་སྤྲོས་བྲལ་ངང་ལ་ཐིམ།།
ཤ་ཁྲག་ཕུང་པོ་གྲངས་མེད་རྟེན་འགྱུར་ནས།།
སྤྱི་ཀུན་བློ་ཡིད་གང་འདོད་ཚིམ་པར་ཤོག།
ཨ ཨ ཨ
མཁའ་འགྲོ་ཀུན་དགའ་འབུམ་མ་འམ་ནམ་གསལ་རྡོ་རྗེས་
ཕྱི་ལོ་༢༠༡༡/༠༣/༠༣བོད་ཟླ་༡༢/༢༩ ཉིན་ཐོལ་བྱུང་དུ་སྨྲས་པའོ།། །།