དམིགས་ཡུལ།
༄༅། །སྤྱིར་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་དེ་ཉིད་ཤེས་རབ་ཕུལ་དུ་ཕྱིན་པ་དང་སྙིང་རྗེ་ཕུལ་དུ་བྱུང་བ་ཡིན་དུས་འཛམ་གླིང་འདི་ལ་མི་ཉམས་གོང་འཕེལ་ཉམས་པ་སླར་གསོའི་ཆེད་འཛམ་གླིང་ཞི་བདེའི་ཁ་ཕྱོགས་སུ་འགྲོ་བའི་ཐབས་ལམ་ཤིན་ཏུ་རྨད་དུ་བྱུང་བ་དེ་ཉིད་སེམས་ཅན་མི་རེ་ངོ་རེ་ནས་གནས་སྐབས་དང་མཐར་ཐུག་འདོད་པའི་བདེ་བ་སྒྲུབ་པ་དང་མི་འདོད་པའི་སྡུག་བསྔལ་དམག་འཁྲུག་མུ་གེ་ནད་ཡམས་འབྱུང་བཞིའི་གནོད་པ་སོགས་སྡུག་བསྔལ་ཞི་བའི་ཕྱིར་དང་ཕན་བདེ་ལེགས་ཚོགས་འབྱུང་བའི་ཆེད་དུ་གསང་བ་རྒྱ་ཅན་གྱི་ཆོས་སྡེ་དམ་ཆོས་རྫོགས་པ་ཆེན་པོ་ཟབ་གསལ་དམར་ཁྲིད་ལུང་རྟོགས་བྱང་ཆུབ་ཐོབ་པའི་ཕྱིར་ཡིན་ལ།